༼མཁར་ནང་གི་སྐད་སྒྲ་༽
ཅེས་པའི་ཟིན་བྲིས་རྭ་བ་འདི་སུད་སི་ཁུལ་གཙོ་བོར་གྱུར་པའི་ཡོ་རོབ་ཁུལ་གྱི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ལས་འགུལ་གང་སྤེལ། གཞན་ཡང་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ཁག་དང་། རྒྱ་ཆེའི་བོད་མི་རྒན་གཞོན་ཁག་གིས་བོད་དོན་ཐད་སོ་སོའི་བསམ་ཚུལ་གསུངས་པ་ཁག་ཆེད་བསྒྲིགས་དང་། མི་སྣ་མང་དག་ཅིག་ལ་ཆེད་དུ་བཅར་འདྲི་བྱས་པ་ཡང་ཡོད། འདིའི་དམིགས་ཡུལ་ནི་བོད་མི་ཚོའི་རྒྱལ་ཞེན་ཡོད་པ་གོང་དུ་འཕེལ་བ་དང་། མེད་པ་སླེབས་ཐབས་བཅས་ཀྱི་ཆེད་དུ་ཡིན། དེར་བརྟེན་ཟིན་བྲིས་འདིའི་ནང་སྤེལ་བའི་བོད་ཕྱི་ནང་གི་གསར་འགྱུར་དང་། བརྙན་འཕྲིན། འདྲ་པར་བཅས་ཀྱི་ལམ་ནས་མཐོང་ཐུབ་པའི་དུས་འགྱུར་གྱི་མངོན་རྟགས་འདི་དག་ལ་ལེགས་བཅོས་སོགས་དགོངས་འཆར་ཡོད་ན་དགའ་བསུ་ཞུ་བཞིན་ཡོད། རྩོམ་སྒྲིག་པས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༠༤ ཚེས་ ༢༠ ལ།